གུས་བརྩེ་འོས་པའི་འཛད་སྤྱོད་པ།

རུང་ཡའོ་བལྟ་ཀློག་ནི་ཡོ་ཝེན་དང་ཧྭ་ཝེ་ཡིས་མཉམ་འབྲེལ་ཐོག་གསར་སྤེལ་བྱས་པའི་བལྟ་ཀློག་མཉེན་ཆས་ཤིག་ཡིན། ཡོ་ཝེན་གྱིས་འདིར་དམིགས་བསལ་དུ་དྲན་སྐུལ་ཞུ་རྒྱུར་འཛད་སྤྱོད་པས་༼མཉེན་ཆས་ཆོག་འཐུས་དང་དེ་བཞིན་ཞབས་ཞུའི་གྲོས་ཆོད་༽ནན་ཏན་སྒོ་ནས་བལྟ་ཀློག་དང་། གོ་བ་གཏིང་ཟབ་ལེན་པ་དང་། འཛད་སྤྱོད་པས་གྲོས་ཆོད་འདིའི་ནང་གི་དོན་ཚན་ཁག་ནན་ཏན་སྒོ་ནས་བལྟ་ཀློག་དང་གོ་བ་གཏིང་ཟབ་ལེན་དགོས། དེའི་ནང་ཡོ་ཝེན་གྱི་འགན་འཁྲི་མེད་པ་བཟོ་བ་དང་ཚད་བཀག་བཟོ་བའི་འགན་མེད་དོན་ཚན་དང་དེ་བཞིན་འཛད་སྤྱོད་པའི་དབང་ཆར་ཚད་བཀག་བཟོ་བའི་དོན་ཚན་ཁག་ཚུད་ཡོད། ཁྱེད་ཀྱིས་གྲོས་ཆོད་ནང་དོན་བལྟ་ཀློག་ཞིབ་ཕྲ་གནང་རྗེས་དང་ལེན་བྱེད་མིན་གདམ་དགོས། ༼ན་མ་ལོན་པའི་མི་རྣམས་ཁྲིམས་གཏན་འཁེལ་བའི་ལྟ་སྐྱོང་མི་སྣའི་རོགས་སྐྱོར་འོག་བལྟ་ཀློག་བྱེད་པ།༽ ཁྱེད་ཀྱིས་གྲོས་ཆོད་ནང་ངོས་ཀྱི་དོན་ཚན་ཚང་མ་དང་ལེན་བྱས་ན་མ་གཏོགས། ཁྱེད་ཀྱིས་མཉེན་ཆས་འདི་ཕབ་ལེན་བྱེད་པ་དང་། སྒྲིག་སྦྱོར་བྱེད་པ། བེད་སྤྱོད་བྱེད་པ་བཅས་ཀྱི་དབང་ཆ་མེད་པ་དང་འབྲེལ་ཡོད་ཞབས་ཞུའང་ལོངས་སྤྱོད་བྱ་དབང་མེད། ཁྱེད་ཀྱིས་ཕབ་ལེན་བྱེད་པ་དང་། སྒྲིག་སྦྱོར་བྱེད་པ། བེད་སྤྱོད་གཏོང་བ། ཨང་རྟགས་ལེན་པ། ནང་འཇུག་བྱེད་པ་སོགས་བྱས་ཚེ་གྲོས་ཆོད་འདི་དང་ལེན་བྱས་པར་ངོས་བཟུང་རྒྱུ་མ་ཟད། གྲོས་ཆོད་འདིའི་དོན་ཚན་ཚང་མའི་ཚད་བཀག་དང་ལེན་བྱས་པ་ཡིན།

མཉེན་ཆས་འདི་བེད་སྤྱོད་གཏོང་བའི་བརྒྱུད་རིམ་ནང་། སྒེར་གྱི་གསང་བའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཁྱེད་ཀྱི་IMEI 、IMSI、Android ID、MACས་གནས་དང་། MEID གཞི་གནས་ID༼གནས་ཡུལ་རགས་ཙམ་ལེན་པ།༽འཛད་སྤྱོད་པའི་བཀོལ་སྤྱོད་ཟིན་ཐོ་སོགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་ཏེ། ངོ་རྟགས་སྒྲིག་ཆས་སུ་བྱེད་པ་མ་ཟད་དུས་ངེས་མེད་དུ་ཁྱེད་ལ་ནང་དོན་དང་ཆ་འཕྲིན་ཡག་པོ་༼བརྡ་ཁྱབ་ཚུད་པ།༽འོས་སྦྱོར་བྱ་རྒྱུ་མ་ཟད། གོང་གསལ་གྱི་དམིགས་འབེན་ཁྱབ་ཁོངས་ནང་ཕྱོགས་གསུམ་པར་༼དཔེར་ན་ཞབས་ཞུ་མཁོ་འདོན་ཚོང་པ་༽ཁྱེད་ཀྱི་གོང་གསལ་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ།

གྲོས་ཆོད་འདི་ནི་ཁྱེད་༼གཤམ་དུ་འཛད་སྤྱོད་པ་ཞེས་འབོད་རྒྱུ།༽ཀྱིས་ཡོ་ཝེན་ཀུང་སི་༼གཤམ་དུ་ཡོ་ཝེན་ཞེས་འབོད་རྒྱུ།༽དང་དེའི་ཁེ་གཉེར་མཉམ་ལས་ཚན་པའི་༼གཤམ་དུ་མཉམ་ལས་ཚན་པ་ཞེས་འབོད་རྒྱུ།༽བར་འཛད་སྤྱོད་པས་རུང་ཡའོ་བལྟ་ཀློག་མཉེན་ཆས་༼སྒུལ་འཕྲིན་ཁ་པར་དང་། PDAཔར་མའི་སྐུད་མེད་ལག་ཁྱེར་མཐའ་སྣེ་སྣ་ཚོགས་པར་མའི་རུང་ཡའོ་བལྟ་ཀློག་དང་། TMམཉེན་ཆས་སོགས། གཤམ་དུ་མཉེན་ཆས་ཞེས་འབོད་རྒྱུ།༽ ཕབ་ལེན་བྱེད་པ་དང་། སྒྲིག་སྦྱོར་བྱེད་པ། བེད་སྤྱོད་བྱེད་པ། འདྲ་བཟོ་བྱེད་པ། ཧྭ་ཝེ་ཡི་རྩིས་ཨང་ཐོ་འགོད་དང་། བེད་སྤྱོད། དོ་དམ་བཅས་བྱེད་པ། དེ་བཞིན་ཡོ་ཝེན་ཀུང་སིའི་འབྲེལ་ཡོད་ཞབས་ཞུ་ཁང་དང་བཞག་པའི་གྲོས་ཆོད་ཡིན། གྲོས་ཆོད་འདི་ནི་ཡོ་ཝེན་དང་འཛད་སྤྱོད་པའི་བར་མཉེན་ཆས་ཆོག་འཐུས་བེད་སྤྱོད་དང་དེ་བཞིན་ཞབས་ཞུའི་འབྲེལ་ཡོད་ཀྱི་དབང་ཆ་དང་འོས་འགན་ཡིན་པ་དང་། འཛད་སྤྱོད་པ་ཞེས་པ་ནི་ཡོ་ཝེན་གྱིས་མཁོ་འདོན་བྱས་པ་ལས་ཐོབ་པའི་མཉེན་ཆས་ཀྱི་དབང་ཆ་དང་རྩིས་ཨང་ཐོ་འགོད་ཀྱི་ཐབས་ལམ་བརྒྱུད་ནས་ཐོབ་པའི་མཉེན་ཆས་ཀྱི་ཐོན་རྫས། དེ་བཞིན་ཨང་གྲངས་སྤྱོད་དབང་། ཡོ་ཝེན་ཀུང་སིའི་འབྲེལ་ཡོད་ཞབས་ཞུ་བེད་སྤྱོད་བྱེད་མཁན་བཅས་ཀྱི་མི་སྒེར་དང་སྒྲིག་འཛུགས་ལ་ཟེར་བ་ཡིན།

གྲོས་ཆོད་འདི་ནི་ཡོ་ཝེན་གྱིས་དུས་ངེས་མེད་ཐོག་གསར་བབཟོ་བྱ་རྒྱུ་དང་། གསར་བཟོ་བྱས་རྗེས་གྲོས་ཆོད་ཀྱི་ནང་དོན་རྣམས་ཁྱབ་བསྒྲགས་བྱས་རྗེས་དེ་སྔའི་གྲོས་ཆོད་ནང་དོན་གྱི་ཚབ་བྱ་རྒྱུ། དེ་མིན་གྱི་བརྡ་ཐོ་གཏོང་རྒྱུ་མིན། འཛད་སྤྱོད་པས་མཉེན་ཆས་འདི་དང་དྲ་ཚིགས་ཐོག་ནས་ཆེས་གསར་ཤོས་ཀྱི་གྲོས་ཆོད་དོན་ཚན་བསྐྱར་དུ་ཕབ་ལེན་བྱེད་ཆོག ཡོ་ཝེན་གྱིས་གྲོས་ཆོད་གྱི་དོན་ཚན་ལ་བཟོ་བཅོས་རྒྱབ་རྗེས། གལ་ཏེ་འཛད་སྤྱོད་པས་བཟོ་བཅོས་རྒྱབ་པའི་རྗེས་ཀྱི་དོན་ཚན་དང་ལེན་མི་བྱེད་ཚེ། སྐབས་འཕྲལ་དུ་ཡོ་ཝེན་གྱིས་མཁོ་འདོན་བྱས་པའི་མཉེན་ཆས་དང་ཞབས་ཞུ་མཚམས་འཇོག་བྱ་རྒྱུ་དང་། འཛད་སྤྱོད་པས་མུ་མཐུད་ནས་ཡོ་ཝེན་གྱིས་མཁོ་འདོན་བྱས་པའི་མཉེན་ཆས་དང་ཞབས་ཞུ་བེད་སྤྱོད་བྱས་ཚེ་བཟོ་བཅོས་རྒྱབ་ཟིན་པའི་རྗེས་ཀྱི་གྲོས་ཆོད་དང་ལེན་བྱས་པར་ངོས་བཟུང་རྒྱུ།

༡ སྤྱིའི་རྩ་དོན།
༡༽ རུང་ཡའོ་བལྟ་ཀློག་མཉེན་ཆས་དང་དེ་བཞིན་དེའི་ཞབས་ཞུ་༼གཤམ་དུ་མཉེན་ཆས་དང་ཞབས་ཞུ་འདི་ཞེས་འབོད་རྒྱུ།༽ནི་ཡོ་ཝེན་གྱིས་མཁོ་འདོན་བྱེད་པ་ནི་སྒུལ་འཕྲིན་ཁ་པར་དང་། PDAསོགས་སྐུད་མེད་ལག་ཁྱེར་མཐའ་སྣེ་སྣ་ཚོགས་ཐོག་སྒྲིག་སྦྱོར་བྱས་པའི་དྲ་ཐོག་དང་ཡང་ན་དྲ་མེད་སྐབས་སུ་དེབ་ལྟ་བ་དང་། བལྟ་ཀློག་བྱེད་པའི་བྱེད་ནུས་ལྡན་པའི་མཉེན་ཆས་དང་ཞབས་ཞུ་ཡིན།

༢༽རུང་ཡའོ་བལྟ་ཀློག་མཉེན་ཆས་དང་ཞབས་ཞུའི་བདག་དབང་དང་། ཁེ་གཉེར་དབང་ཆ། དེ་བཞིན་ལས་སྒོའི་སྒྲིག་སྲོལ། བྱེད་སྒོའི་འགྲེལ་བཤད་དབང་ཆ་བཅས་ཚང་མ་ཡོ་ཝེན་ཀུང་སིར་དབང་བ།

༣༽ གྲོས་ཆོད་འདི་ནི་རུང་ཡའོ་བལྟ་ཀློག་མཉེན་ཆས་ཀྱི་ཆོག་འཐུས་དང་དེ་བཞིན་ཞབས་ཞུའི་གྲོས་ཆོད་དང་། དེ་བཞིན་ཡོ་ཝེན་དྲ་ཚིགས་ཀྱི་ཞབས་ཞུའི་དོན་ཚན་གྱི་ཁ་གསབ་དོན་ཚན་ལ་བརྩི་ཆོག་པ། དེ་དང་གཅིག་གྱུར་ཞིག་གྲུབ་པས། ཁྱེད་ཀྱིས་གྲོས་ཆོད་འདི་དང་ལེན་བྱས་ན་གྲོས་ཆོད་དོན་ཚན་ཡོད་ཚན་གྱི་ཚད་བཀག་ཐེབས་པ་དང་། དེའི་ནང་ཡོ་ཝེན་ཀུང་སིས་ཞབས་ཞུའི་དོན་ཚན་གང་རུང་ཞིག་ལ་བཟོ་བཅོས་གང་ཞིག་རྒྱབ་རུང་ཚང་མ་ཚུད་ཡོད། དོན་ཚན་དེ་དག་ནི་ཡོ་ཝེན་ཀུང་སིས་དུས་ངེས་མེད་དུ་གསར་བཟོ་བྱེད་པ་མ་ཟད། དེ་མིན་གྱི་བརྡ་ཐོ་གཏོང་མི་སྲིད། རུང་ཡའོ་བལྟ་ཀློག་མཉེན་ཆས་ཀྱི་ཆོག་འཐུས་དང་དེ་བཞིན་ཞབས་ཞུའི་གྲོས་ཆོད་དང་། དེ་བཞིན་ཡོ་ཝེན་དྲ་ཚིགས་ཀྱི་ཞབས་ཞུའི་དོན་ཚན་དེ་ཉིད་ཡོ་ཝེན་ཀུང་སིའི་གཞུང་ཕྱོགས་དྲ་ཚིགས་www.book.qq.comནས་རགས་ཐབས་བྱས་ཆོག

༤༽སྲོལ་ཡིག་འདིའི་གཏམ་འབེབས་དང་འགལ་ན། ཡོ་ཝེན་ཀུང་སིར་བརྡ་ལན་མ་སྤྲད་པར་འབྲེལ་ཡོད་ཞབས་ཞུ་མཚམས་འཇོག་བྱེད་དབང་ཡོད།

༢ ཤེས་བྱའི་ཐོན་དབང་གསལ་བཤད།
༡༽ རུང་ཡའོ་བལྟ་ཀློག་མཉེན་ཆས་ནི་ཡོ་ཝེན་དང་ཧྭ་ཝེ་ཡིས་མཉམ་འབྲེལ་ཐོག་གསར་སྤེལ་བྱས་པའི་བལྟ་ཀློག་མཉེན་ཆས་ཤིག་ཡིན། རུང་ཡའོ་བལྟ་ཀློག་ཀྱི་པར་དབང་དང་། ཚོང་རྟགས་དབང་ཆ། ཆེད་ཁེའི་དབང་ཆ། ཚོང་ལས་གསང་བ་སོགས་ཤེས་བྱའི་ཐོན་དབང་། དེ་བཞིན་མཉེན་ཆས་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ནང་དོན་ཡོད་ཚད། ཡིག་ཐོག་ཞིབ་གླེང་། སྡེབ་སྒྲིག རྟགས་རིས། རི་མོ། དཔེ་རིས། ཚོན་མདོག མཐུད་ངོས་ཇུས་བཀོད། པར་ངོས་སྒྲོམ་གཞི། འབྲེལ་ཡོད་གྲངས་གཞི། པར་འདེབས་རྒྱུ་ཆ། གློག་རྡུལ་ཡིག་ཚགས་སོགས་ཚང་མར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྩམས་ཆོས་བདག་དབང་དང་། ཚོང་རྟགས་བཅའ་ཁྲིམས། ཆེད་ཁེའི་བཅའ་ཁྲིམས། ལུགས་མཐུན་མིན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། འོས་བབ་ཀྱི་རྒྱལ་སྤྱིའི་ཆིངས་ཡིག དེ་བཞིན་དེ་མིན་གྱི་ཤེས་བྱའི་ཐོན་དབང་ཁྲིམས་ལུགས་ཁྲིམས་སྲོལ་གྱི་སྲུང་སྐྱོབ་ཐོབ་པ། ཕྱོགས་གསུམ་པར་དབང་ཆ་སྤྲོད་པའི་མཉེན་ཆས་དང་ལག་རྩལ་དང་འབྲེལ་བ་ཡོད་པ་ཕུད། ཡོ་ཝེན་ལ་གོང་གསལ་གྱི་ཤེས་བྱའི་ཐོན་དབང་ལྡན་ཡོད།

༢༽ ཡོ་ཝེན་གྱི་ཡིག་ཐོག་མོས་མཐུན་མ་ཐོབ་ན། འཛད་སྤྱོད་པས་ཁེ་གཉེར་དང་ཁེ་གཉེར་མིན་རིགས་གང་རུང་གིས་རང་དགར་གོང་གསལ་གྱི་ཤེས་བྱའི་ཐོན་དབང་ལག་བསྟར་བྱེད་པ་དང་། བེད་སྤྱོད་བྱེད་པ། ནང་བཤུག་གཏོང་བའམ་ཡང་ན་ཕྱོགས་གསུམ་པས་ལག་བསྟར་བྱེད་པ་དང་། བེད་སྤྱོད་བྱེད་པ། ནང་བཤུག་གཏོང་བ་སོགས་བྱ་མི་རུང་བ་དང་། ཡོ་ཝེན་གྱིས་གོང་གསལ་བརྗོད་པའི་ནང་དོན་མོས་མཐུན་མ་ཐོབ་པར་རང་དགར་སྤྱད་ན་རྩད་གཅོད་བྱེད་པའི་དབང་ཆ་ཉར་ཚགས་བྱས་ཡོད།

༣༽ ཡོ་ཝེན་གྱིས་ཡིག་ཐོག་ནས་མོས་མཐུན་བྱས་མེད་ཚེ། འཛད་སྤྱོད་པས་རུང་ཡའོ་བལྟ་ཀློག་མཉེན་ཆས་དང་ལྡོག་པའི་ལས་གཞི་དང་། ལྡོག་པའི་རྩོམ་སྒྱུར། ལྡོག་པའི་ཕྱོགས་བསྒྲིགས་བཅས་བྱ་མི་རུང་བ་དང་། ཡོ་ཝེན་གྱིས་གོང་གསལ་བརྗོད་པའི་ནང་དོན་མོས་མཐུན་མ་ཐོབ་པར་རང་དགར་སྤྱད་ན་རྩད་གཅོད་བྱེད་པའི་དབང་ཆ་ཉར་ཚགས་བྱས་ཡོད།

༣ རུང་ཡའོ་བལྟ་ཀློག་མཉེན་ཆས་ཀྱི་དབང་སྤྲོད་ཁྱབ་ཁོངས།
༡༽ འཛད་སྤྱོད་པས་ཚོང་ལས་དམིགས་ཡུལ་མིན་པའི་ལག་ཐོག་ཁ་པར་དང་སྐུད་མེད་མཐའ་སྣེ་རྐྱང་པའི་ཐོག་མཉེན་ཆས་འདི་སྒྲིག་སྦྱོར་དང་། བེད་སྤྱོད། མངོན་ཐབས། འཁོར་སྐྱོད་བཅས་བྱ་ཆོག འཛད་སྤྱོད་པས་ཚོང་ལས་ཁཔེ་གཉེར་དམིགས་ཡུལ་དུ་བྱས་ནས་མཉེན་ཆས་འདི་སྒྲིག་སྦྱོར་དང་། བེད་སྤྱོད། འཁོར་སྐྱོད་བཅས་བྱ་མི་རུང་། མཉེན་ཆས་འདི་དང་ཡང་ན་མཉེན་ཆས་འདི་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ནང་སྐུད་མེད་ལག་ཐོག་མཐའ་སྣེ་རུ་ཉར་ཚགས་བྱས་པའི་གྲངས་གཞི་གང་རུང་དང་མཉེན་ཆས་འདི་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ནང་འཛད་སྤྱོད་མཐའ་སྣེ་དང་ཞབས་ཞུའི་འཕྲུལ་ཆས་སྣེ་མོའི་བར་འབྲེལ་འདྲིས་བྱུང་བའི་གྲངས་གཞིའི་བར་འདྲ་བཟོ་དང་། བརྗེ་རེས། བཟོ་བཅོས། འབྲེལ་མཐུད་འཁོར་སྐྱོད། འགྱུར་སྐྱེས་བྱུང་བའི་བརྩམས་ཆོས་གང་རུང་བཅས་བཟོ་མི་རུང་བ། མཉེན་ཆས་འདི་དང་འབྲེལ་ཡོད་མ་ལག་བར་གྱི་འཇུག་ཆས་དང་། ཕྱི་སྐྱེལ། ཚུལ་མིན་དབང་སྤྲོད། ཕྱོགས་གསུམ་པའི་ཡོ་བྱད། ཞབས་ཞུའི་འབྲེལ་མཐུད་སོགས་ཚུད་ཡོད།

༢༽ འཛད་སྤྱོད་པས་ཡོ་ཝེན་གྱི་ཆོག་འཐུས་མ་ཐོབ་པར། མཉེན་ཆས་འདི་ཡོ་ཝེན་གྱིས་ཆོག་འཐུས་མ་སྤྲད་པའི་དེ་མིན་གྱི་མཐའ་སྣེའི་སྒྲིག་ཆས་ཐོག་སྒྲིག་སྦྱོར་བྱ་མི་རུང་བ། དཔེར་ན་འཕྲིན་ལམ་སྒྱུར་སྒམ་དང་། རོལ་རྩེད་འཕྲུལ་ཆས། བརྙན་འཕྲིན། DVDའཕྲུལ་ཆས་སོགས་ཡིན།

༣༽ དབང་ཆ་སོར་ཉར། དབང་ཆ་སྤྲོད་རྒྱུ་གསལ་བཤད་མ་བྱས་པའི་དེ་མིན་གྱི་དབང་ཆ་ཆ་ཚང་ཡོ་ཝེན་ལ་དབང་བ་དང་། འཛད་སྤྱོད་པས་དེ་མིན་གྱི་དབང་ཆ་སྤྱོད་པའི་སྐབས་སུ་ཡོ་ཝེན་གྱི་ཡིག་ཐོག་མོས་མཐུན་ཐོབ་དགོས།

༤ བེད་སྤྱོད་གཏོང་ཐབས།
༡༽འཛད་སྤྱོད་པས་ཆ་བསྒྲིགས་ལག་ཐོག་ཁ་པར་སོགས་སྐུད་མེད་ལག་ཁྱེར་མཐའ་སྣེའི་ཐོག་དྲ་བར་ཞུགས་པ་དང་གློག་འཕྲིན་གྱི་རིན་འཕར་ལས་སྒོར་མཁོ་བའི་སྒྲིག་ཆས་རང་གིས་སྒྲིག་སྦྱོར་བྱ་དགོས་པ་དང་། མི་སྒེར་གྱི་ལག་ཐོག་ཁ་པར་སོགས་སྐུད་མེད་ལག་ཁྱེར་མཐའ་སྣེའི་ཐོག་དྲ་བར་ཞུགས་པའམ་ཕྱོགས་གསུམ་པས་༼གློག་འཕྲིན་དང་སྒུལ་འཕྲིན་འཕྲིན་གཏོང་གི་མཁོ་འདོན་ཚོང་པ།༽བསྡུས་པའི་འཕྲིན་གཏོང་འགྲོ་གྲོན་དང་། ཆ་འཕྲིན་འགྲོ་གྲོན་སོགས་འབྲེལ་ཡོད་དངུལ་རང་ཉིད་ཀྱིས་སྤྲོད་དགོས་པ། དཔེར་ན་གློག་འཕྲིན་གྱི་རིམ་འཕར་ཞབས་ཞུ་དང་འབྲེལ་བ་ཡོད་པའི་རིགས་ལ། ང་ཚོས་ཁྱེད་དང་ཁྱེད་ཀྱི་གློག་འཕྲིན་རིམ་འཕར་ཞབས་ཞུའི་མཁོ་འདོན་ཚོང་པས་འབྲེལ་ཡོད་ཀྱི་འགྲོ་གྲོན་གནད་དོན་གྲོས་བསྡུར་བྱས་ཏེ་གཏན་འཁེལ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

༢༽ཁྱེད་ཀྱིས་མཉེན་ཆས་འདི་བརྒྱུད་ནས་ཁྱེད་ཀྱིས་གསར་རྩོམ་གནང་བའམ་ཡང་ན་ཁྱེད་ལ་འདོན་སྤེལ་བྱེད་དབང་ཡོད་པའི་འདོད་ཚུལ་དང་། གྲངས་གཞི། ཡི་གེ། བརྡ་འཕྲིན། སྤྱོད་མཁན་མིང་། པར་རིས། འདྲ་པར། མི་སྒེར་གྱི་ཆ་འཕྲིན། སྒྲ་ཟློས། བརྙན་བརྡའི་ཡིག་ཆ། སྦྲེལ་མཐུད་སོགས་འདོན་སྤེལ་བྱས་ཆོག་པ་དང་། ཁྱེད་ཀྱིས་རང་ཉིད་ནས་གོང་སྐྱེལ་བྱས་པའི་ནང་དོན་གྱི་བརྩམས་ཆོས་བདག་དབང་ངམ་ཁྲིམས་མཐུན་སྤྱོད་དབང་ཡོད་དགོས་པ་དང་། ཁྱེད་ཀྱིས་མཉེན་ཆས་འདི་སྤྱོད་པའི་བྱ་སྤྱོད་ཚང་མར་ཕྱོགས་གསུམ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་ཐེབས་པ་བྱ་དགོས།

༣༽ ཁྱེད་ཀྱིས་མཉེན་ཆས་འདི་བེད་སྤྱོད་གཏོང་རྒྱུར་རྒྱུས་མངའ་བྱུང་བ་མ་ཟད་མོས་མཐུན་བྱས་ཡོད་པས། ཁྱེད་ནས་སྲུང་དགོས་པའི་དོན་ཚན་ནང་གི་དབང་ཆ་དང་འོས་འགན་ལ་བརྩི་འཇོག་བྱ་དགོས་པ་དང་། ཁྱེད་ཀྱིས་ཁྱེད་རང་ཉིད་ཀྱིས་ཐོ་འགོད་བྱས་པའི་མིང་ཐོའི་སྟེང་གནས་ཚུལ་གང་ཞིག་ལྷག་ནའང་འགན་འཁུར་དགོས།

༤༽ ཡོ་ཝེན་ཀུང་སིས་འཛད་སྤྱོད་པའི་བྱ་སྤྱོད་ལ་འགན་མི་འཁུར་བ་ཤེས་རྟོགས་བྱུང་བ་མ་ཟད་མོས་མཐུན་གནང་ཡོད། མཉེན་ཆས་འདི་བེད་སྤྱོད་བྱས་པ་ལས་ཐོན་པའི་ཉེན་ཁ་ཚང་མ་ཁྱེད་མི་སྒེར་ནས་འཁུར་དགོས་པ་དང་། ཡོ་ཝེན་ཀུང་སིས་མཉེན་ཆས་སྤྱོད་རྒྱུར་འཚམ་མིན་དང་། ཁྲིམས་མཐུན། བདེ་འཇགས། གནོད་འཚེ་ཡོད་མེད་བཅས་ཀྱི་ཐད་འགན་ལེན་གང་ཡང་བྱ་རྒྱུ་མིན། གལ་ཏེ་མཉེན་ཆས་འདི་སྤྱོད་པའི་བརྒྱུད་རིམ་ནང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གང་ཞིག་ཐོན་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ཡོ་ཝེན་་ཀུང་སིར་ཐེར་འདོན་བྱ་རྒྱུའི་འོས་འགན་ཡོད།

༥༽ འཛད་སྤྱོད་པས་མཉེན་ཆས་འདི་སྤྱད་ནས་རྩིས་འཁོར་གྱི་དུག་ངན་སོགས་གཏོར་བཤིག་གཏོང་བའི་གོ་རིམ་རིགས་རྐང་བཙུགས་ནས་བཟོ་བའམ་བརྒྱུད་སྤེལ་བྱ་མི་རུང་བ་དང་། ཞབས་ཞུ་འདི་དང་། མཉེན་ཆས་འདི། ཞབས་ཞུའི་འབྲེལ་མཐུད་ཀྱི་ཞབས་ཞུའི་འཕྲུལ་ཆས་ལ་དམིགས་པའི་དྲ་བའི་འགོག་རྐྱེན་དང་། ཟང་ཟིང་བཟོ་བ། ཁྲིམས་འགལ་སྒོ་ནས་མཉེན་ཆས་འདི་དང་དྲ་བྲེལ་བྱེད་པའི་བླང་བྱ་དང་། གོ་རིམ། སྲིད་ཇུས། ལུགས་སྲོལ་གང་རུང་སྤེལ་མི་རུང་བ། གལ་ཏེ་དེ་ལས་ལྡོག་ཚེ་ཡོ་ཝེན་གྱིས་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་པའི་དབང་ཆ་སོར་ཉར་བྱ་རྒྱུ་མ་ཐད་འབྲེལ་ཡོད་ཚན་པར་ཐག་གཅོད་བྱ་རྒྱུར་སྐྱེལ་རྒྱུ་ཡིན།

༦༽ འཛད་སྤྤྱོད་པས་མཉེན་ཆས་འདི་བརྒྱུད་ནས་སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་ལ་གནོད་པའི་རིགས་དང་། ཁྲིམས་འགལ། རྫུན་མ། སུན་པོ་བཟོ་བ། དམའ་འབེབས་བྱེད་པ། འཇིགས་སྐུལ་བཟོ་བ། གནོད་འཚེ་གཏོང་བ། གཏོར་བཤིག་གཏོང་བ། འཁྲུག་རྐྱེན་སློང་བ། ཆགས་སྲེད་ལོག་གཡེམ་སོགས་ཀྱི་ནང་དོན་བརྒྱུད་གཏོང་དང་། འདྲ་བཟོ། འཕེན་གཏོང་། དྲ་ཐོག་སྐྱེལ་བ་སོགས་བྱ་མི་རུང་།

༧༽ འཛད་སྤྱོད་པས་གྲོས་ཆོད་དོན་ཚན་འདི་གཞིར་བཟུང་ཐོབ་པའི་ཞབས་ཞུའི་དབང་ཆ་གཞན་ན་ནང་བཤུག་གཏོང་མི་རུང་།

༨༽ གལ་ཏེ་འཛད་སྤྱོད་པས་རྒྱལ་ཁབ་ཀྱི་ཁྲིམས་ཞུགས་ཁྲིམས་སྲོལ་ལམ་ཡང་ན་གྲོས་ཆོད་དོན་ཚན་འདི་དང་འགལ་ཚེ། ངེད་ཀུང་སི་དང་མཉམ་ལས་ཀུང་སིས་འཛད་སྤྱོད་པར་ཞབས་ཞུ་མཁོ་འདོན་བྱ་རྒྱུར་འགན་གང་ཡང་འཁུར་མི་དགོས་པའི་དབང་ཆ་ཡོད། ཡོ་ཝེན་དང་དེ་མིན་གྱི་མཉམ་ལས་ཀུང་སིར་ཕྱོགས་གསུམ་པ་ལས་བཟོས་པའི་རྩོད་གླེང་དང་། ཞུ་གཏུག་ གྱོང་གུན་ཁ་གསབ་སོགས་ཀྱི་གནོད་འཚེ་ཕོག་ཚེ། འཛད་སྤྱོད་པས་ངེད་ཀུང་སི་དང་མཉམ་ལས་ཀུང་སིའི་དེ་མཚུངས་ཀྱི་གྱོང་གུན་འཇལ་དགོས། འཛད་སྤྱོད་པས་རང་ཉིད་ཀྱིས་ཞབས་ཞུའི་དོན་ཚན་ལས་འགལ་ཏེ་ཐོན་པའི་མཇུག་འབྲས་ཚང་མར་འགན་འཁུར་དགོས། ཡོ་ཝེན་གྱིས་འཛད་སྤྱོད་པས་འདོན་སྤེལ་བྱས་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས། ངེད་ཀུང་སིའི་བརྩི་སྲུང་དོན་ཚན་བཅས་དང་འགལ་བའི་རྩོམ་ཡིག་དང་། དཔྱད་གཞི། པར་རིས། རི་མོ་སོགས་ཀྱིནང་དོན་གསུབ་དབ་ཡོད་པ་མ་ཟད། འཛད་སྤྱོད་པའི་ཕྱོགས་ལ་ཟུར་དུ་བརྡ་ཐོ་གཏོང་དགོས་མེད།

༩༽ཡོ་ཝེན་ཀུང་སིས་དུས་དང་རྣམ་པ་ཀུན་དུ་རྒྱུ་རྐྱེན་གང་རུང་ཐོན་སྐབས་མི་སུ་ཞིག་ལའང་ཞབས་ཞུ་སྒྲུབ་མི་དགོས་པའི་དབང་ཆ་སོར་ཉར་བྱས་ཡོད།

༡༠༽ འཛད་སྤྱོད་པས་གཤམ་གསལ་གྱི་སྒྲུབ་མི་རུང་བའི་དོན་དག་སོགས་ལ་བརྩི་སྲུང་ཞུ་དགོས།
ཀ མཉེན་ཆས་འདི་སྤྱད་ནས་རྩ་ཁྲིམས་ནང་གཏན་ལ་འཁེལ་བའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་པའི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ཁ མཉེན་ཆས་འདི་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་བྱེད་པ། རྒྱལ་ཁབ་ཀྱི་གོང་མུ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ག མཉེན་ཆས་འདི་བརྒྱུད་ནས་རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་པའི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ང མཉེན་ཆས་འདི་སྤྱད་ནས་མི་རིགས་ཀྱི་འཁོན་འཛིན་སློང་བ་དང་། མི་རིགས་ལ་མཐོང་ཆུང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ངན་སྐུལ་བྱེད་པའི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ཅ མཉེན་ཆས་འདི་བརྒྱུད་ནས་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་གཏོར་བཤིག་གཏོང་བ་དང་། ལོག་ཆོས་དང་བཀའ་བཀོས་རྒྱུད་འཛིན་གྱི་རྨོངས་དད་བརྒྱུད་བསྒྲགས་བྱེད་པའི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ཆ མཉེན་ཆས་འདི་སྤྱད་ནས་དཀྲོག་གཏམ་བཀྲམ་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ། སྤྱི་ཚོགས་ཀྱི་བརྟན་བརླིང་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ཇ མཉེན་ཆས་འདི་བརྒྱུད་ནས་གཡེམ་སྤྱོད་དང་། ཆགས་སྲེད། རྒྱན་འཛུགས། གཏུམ་སྤྱོད། དམར་གསོད། འཇིགས་སྐུལ། ངན་སྐུལ་སོགས་ཀྱི་ཉེས་བསགས་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ཉ མཉེན་ཆས་འདི་བརྒྱུད་ནས་མི་གཞན་ལ་དམའ་འབེབས་བྱེད་པ། ཁ་གཏོང་བ། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ཏ མཉེན་ཆས་འདི་བརྒྱུད་ནས་ཁྲིམས་ལུགས་དང་། སྲིད་འཛིན་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་དེ་མིན་གྱི་ནང་དོན་བརྒྱུད་སྤེལ་བྱ་མི་རུང་བ།
ཐ ནད་དུག་དང་། ཤིང་རྟ། མུག་འབུ་སོགས་དྲ་བར་གནོད་འཚེ་གཏོང་བའི་དུག་ངན་དྲ་ཐོག་ཏུ་སྐྱེལ་མི་རུང་བ།
ད ཧྭ་ཝེ་ཡི་རྩིས་ཚན་དང་མི་གཞན་གྱི་ཆེད་གཏོགས་ཆ་འཕྲིན་དང་། རྒྱུ་ནོར། གསང་བའི་ཆ་འཕྲིན་སོགས་བརྐུ་རྒྱག་པའིམཉེན་ཆས་སྒྲིག་བཟོ་དང་། ཁྱབ་བསྒྲགས། བརྒྱུད་སྤེལ་སོགས་བྱ་མི་རུང་བ།
ན ཡོ་ཝེན་ཀུང་སིའི་ཡིག་ཐོག་དབང་ཆ་མ་ཐོབ་པའི་སྔོན་འགྲོའི་འོག མཉེན་ཆས་དང་འབྲེལ་ཡོད་ཀྱི་སྦྲེལ་མཐུད་འཚོང་བ་དང་། བོགས་མར་གཏོང་བ། གཡར་བ། ཁྱབ་བསྒྲགས་བྱེད་པ། བརྗེ་སྒྱུར་བྱེད་པ། སྤྱོད་དབང་བརྗེ་སྒྱུར་བྱེད་པ་སོགས་དང་མཉེན་ཆས་བེད་སྤྱོད་པའམ་མཉེན་ཆས་ཀྱི་དོན་ཚན་ཁྲོད་ནས་ཁེ་བཟང་རགས་ཐབས་བྱས་ནས། གོང་གསལ་གྱི་བེད་སྤྱོད་གཏོང་སྟངས་དེ་ཐད་ཀའི་དཔལ་འབྱོར་དང་དངུལ་ལོར་གྱི་ཁར་ཕན་ཡོད་མེད་ཀྱི་དབྱེ་བ་མེད་པར་སྤེལ་མི་རུང་།
པ དེ་མིན་ཁྲིམས་འགལ་བྱ་ཐབས་དང་། ཁྲིམས་འགལ་དམིགས་ཡུལ། ཡང་ན་གྲོས་ཆོད་འདི་དང་གཅིག་མཚུངས་མིན་པའི་ཐབས་ལམ་ཐོག་ནས་མཉེན་ཆས་འདི་དང་ཡོ་ཝེན་གྱིས་མཁོ་འདོན་བྱས་པའི་དེ་མིན་གྱི་ཞབས་ཞུ་སྤྱོད་མི་རུང་བ།

༡༡༽ འཛད་སྤྱོད་པས་གོང་གསལ་གྱི་གཏན་འབེབས་བྱས་པའི་དོན་ཚན་གཅིག་གམ་ཡང་ན་དོན་ཚན་ཁ་ཤས་ལ་བརྩི་སྲུང་མ་ཞུས་ཚེ། ཡོ་ཝེན་ཀུང་སིར་འཛད་སྤྱོད་པར་སྔོན་ལ་བརྡ་མ་བཏང་བའི་གནས་ཚུལ་འོག་དེ་མཚུངས་ཀྱི་ནང་དོན་གསུབ་པའམ་༼མཉེན་ཆས་དེར་དེ་མཚུངས་ཀྱི་གནད་དོན་ཡོད་མེད་ཁ་གསལ་ཡིན་དགོས།༽མཉེན་ཆས་འདི་སྤྱོད་རྒྱུ་མཚམས་འཇོག་དང་། ཚང་མའམ་ཆ་ཤས་མཚམས་འཇོག་བྱེད་པ། འཛད་སྤྱོད་པའི་རྩིས་ཨང་གི་བེད་སྤྱོད་བྱེད་ནུས་ལ་ཚད་བཀག་བཟོ་བ། འཛད་སྤྱོད་པས་མཉེན་ཆས་འདི་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བཅས་བྱས་ཆོག གལ་ཏེ་ཡོ་ཝེན་ཀུང་སིར་གྱོང་གུན་བཟོས་ཡོད་ཚེ། ཡོ་ཝེན་ཀུང་སིར་འཛད་སྤྱོད་པས་དེ་མཚུངས་ཀྱི་གྱོང་གུན་འཇལ་དུ་འཇུག་པའི་དབང་ཆ་ཡོད། ཡོ་ཝེན་ཀུང་སི་དེའི་རྐྱེན་པས་རྒྱལ་ཁབ་ལས་ཁུངས་ཀྱིས་སྲིད་འཛིན་ཆད་པ་བཅད་པའམ། ཕྱོགས་གསུམ་པས་ཞུ་གཏུག་དང་དེ་མིན་གྱི་རྣམ་པའི་ཐོག་ནས་གྱོང་གུན་འཇལ་འཇུག་པའི་རིགས། གྱོང་གུན་འཇལ་བའི་ཁྱབ་ཁོངས་ནང་དངུལ་ཆད་གཏོང་བ་དང་། གྱོང་གུན་དངུལ་འཇལ་བ། དེ་བཞིན་ཡོ་ཝེན་ཀུང་སིས་གཏོང་སྤྲོད་བྱས་པའི་འོས་འཚམ་གྱི་ཞུ་གཏུག་འགྲོ་གྲོན་དང་། ཁྲིམས་རྩོད་པའི་འགྲོ་གྲོན་སོགས་འཛད་སྤྱོད་པ་དེས་འཇལ་དགོས།

༥ ཞབས་ཞུའི་ཉེན་ཁ་དང་འགན་མེད་གསལ་བསྒྲགས།
༡༽ མཉེན་ཆས་འདི་ནི་མིག་སྔའི་རྣམ་པ་ལྟར་མཁོ་འདོན་བྱ་རྒྱུ། མཉེན་ཆས་འདི་སྐུད་མེད་དྲ་སྦྲེལ་དྲ་བ་དང་སྒུལ་འཕྲིན་འཕྲིན་གཏོང་སོགས་ཀྱི་ཞབས་ཞུ་དང་འབྲེལ་བ་ཡོད་པས། ལྷུ་ཚིགས་ཁག་གི་གཏན་འཁེལ་མེད་པའི་ཤུགས་རྐྱེན་ཐེབས་བཟོ་ཡོད། དེར་བརྟེན་མཉེན་ཆས་འདི་གོང་གསལ་བཟློག་ཐབས་བྲལ་བ་དང་། རྩིས་འཁོར་གྱི་ནད་དུག མགྲོན་ནག་གི་ཚུར་རྒོལ། མ་ལག་བརྟན་པོ་མེད་པ། འཛད་སྤྱོད་པའི་གནས་ཡུལ། འཛད་སྤྱོད་པས་འཕྲུལ་ཆས་ཁ་རྒྱག་པ། GSMསོགས་སྒུལ་འཕྲིན་དྲ་བ། དྲ་སྦྲེལ་དྲ་བ། འཕྲིན་གཏོང་གློག་ལམ་སོགས་རྐྱེན་པས་ཞབས་ཞུ་མཚམས་ཆད་པའམ་འཛད་སྤྱོད་པའི་དགོས་མཁོ་སྐོང་མི་ཐུབ་པའི་ཉེན་ཁ་ཡོད། མཉེན་ཆས་འདི་སྤྱོད་པའི་འཛད་སྤྱོད་པས་གོང་གསལ་གྱི་ཉེན་ཁ་དང་ལེན་བྱ་དགོས་པ་དང་། ཡོ་ཝེན་གྱིས་ཞབས་ཞུའི་དུས་ཐོག་རང་བཞིན་དང་། བདེ་འཇགས་རང་བཞིན། ཡང་དག་རང་བཞིན་བཅས་ལ་འགན་འཁུར་རྒྱུ་མིན།

༢༽ ངེད་ཀུང་སིའི་མ་ལག་གི་འགོག་རྐྱེན་ལས་ཞབས་ཞུའི་རྒྱུན་གཏན་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་ཚེ། ངེད་ཀུང་སིས་མྱུར་དུ་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་བྱས་ཏེ། དུས་ཐོག་ཏུ་བཟོ་བཅོས་རྒྱག་རྒྱུ་ཡིན། ཡིན་ནའང་དེའི་རྐྱེན་པས་ཐོན་པའི་དཔལ་འབྱོར་གྱི་གྱོང་གུན་དེ། ངེད་ཀུང་སི་དང་མཉམ་ལས་ཀུང་སིས་འགན་འཁུར་རྒྱུ་མིན། དེ་མིན་ད་དུང་། ཡོ་ཝེན་གྱིས་སྔོན་ལ་བརྡ་མི་གཏོང་བར་བཟོ་བཅོས་དང་། ཉམས་བཟོ། རིམ་འཕར། དེ་མིན་གནས་ཚུལ་རྐྱེན་པས་ཞབས་ཞུ་མཚམས་འཇོག་བྱེད་པའི་དབང་ཆ་ཁག་ཅིག་སོར་ཉར་བྱས་ཡོད།

༣༽ འཛད་སྤྱོད་པས་མཉེན་ཆས་འདི་བེད་སྤྱོད་གཏོང་བའི་སྐབས་སུ། རང་ཉིད་ནས་གཤམ་གསལ་གྱི་ཡོ་ཝེན་ཀུང་སིས་ཚོད་འཛིན་བྱེད་མི་ཐུབ་པའི་ཉེན་ཁ་འཁུར་དགོས།
ཀ སྐུད་མེད་དྲ་བའི་བརྡ་རྟགས་བརྟན་པོ་མེད་པ་དང་། སྐུད་མེད་དྲ་བའི་དར་ཞེང་ཆུང་དྲག་པ་སོགས་ཀྱི་རྐྱེན་པས། རུང་ཡའོ་བལྟ་ཀློག་ནང་འཇུག་བྱེད་མི་ཐུབ་པ་དང་། ཁ་དབྱེ་རྒྱུ་འགོར་བ་སོགས་ཀྱི་ཉེན་ཁ་འཛད་སྤྱོད་པས་འཁུར་དགོས།
ཁ འཛད་སྤྱོད་པས་ངེས་པར་དུ་སྒྲིག་སྦྱོར་བྱས་པའི་ཁ་པར་དང་འཚམ་པའི་རུང་ཡའོ་བལྟ་ཀློག་མཉེན་ཆས་ཀྱི་དཔར་མ་གདམ་དགོས། དེ་ལྟར་མ་བྱས་ཚེ། མཉེན་ཆས་དང་ཁ་པར་གྱི་བཟོ་དབྱིབས་གཅིག་མཚུངས་མ་བསྡད་པའི་རྐྱེན་གྱིས་ཐོན་པའི་མཉེན་ཆས་གནད་དོན་དང་། ཁ་པར་གནད་དོན་སོགས་འཛད་སྤྱོད་པ་རང་ཉིད་ཀྱིས་འཁུར་དགོས།
ག འཛད་སྤྱོད་པའི་གསང་འཕྲིན་མཉེན་ཆས་འདི་བེད་སྤྱོད་བྱེད་པའི་སྐབས་སུ་བོར་བརླག་འཕྲོ་བའི་ཉེན་ཁ་འཛད་སྤྱོད་པ་རང་ཉིད་ནས་འཁུར་དགོས།
ང འཛད་སྤྱོད་པས་མཉེན་ཆས་འདི་བེད་སྤྱོད་བྱས་ཏེ་ཕྱོགས་གསུམ་པའི་དྲ་ཚིགས་ལ་བལྟ་སྐབས་ནང་དོན་གྱི་སྤུས་ཚད་དང་བདེ་འཇགས་གནད་དོན་ཐོན་ཚེ། འཛད་སྤྱོད་པ་རང་ཉིད་ནས་འགན་འཁུར་དགོས།

༤༽ཡོ་ཝེན་གྱིས་ཆེད་མངགས་དྲན་སྐུལ་ཞུ་རྒྱུ།
ཀ མཉེན་ཆས་འདི་བེད་སྤྱོད་གཏོང་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་སོགས་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཅས་བྱ་དགོས་པ་མ་ཟད། གྲོས་ཆོད་འདིར་བརྩི་སྲུང་ཞུ་དགོས། འཛད་སྤྱོད་པས་ཁྲིམས་ལས་འགལ་བའམ་གྲོས་ཆོད་འདི་དང་འགལ་ནས་བེད་སྤྱོད་བྱས་ནས་ཐོན་པའི་འགན་འཁྲི་ཚང་མ་འཛད་སྤྱོད་པ་རང་ཉིད་ནས་འཁུར་དགོས་པ་དང་། ཡོ་ཝེན་དང་དེའི་མཉམ་ལས་ཚན་པ་དང་འབྲེལ་བ་མེད། ད་དུང་འཛད་སྤྱོད་པས་ཁྲིམས་འགལ་དང་གྲོས་ཆོད་འདི་དང་འགལ་བ། དེ་བཞིན་མཉེན་ཆས་འདི་དང་ཧྭ་ཝེ་རྩིས་ཨང་ལ་ཞུགས་པའི་ཡོ་ཝེན་དང་མཉམ་ལས་ཚན་པའི་དེ་མིན་གྱི་ཞབས་ཞུའི་འབྲེལ་ཡོད་ཞབས་ཞུའི་དོན་ཚན་དང་འགལ་ན། ཡོ་ཝེན་གྱིས་འཛད་སྤྱོད་པའི་བྱ་སྤྱོད་ཀྱི་ངོ་བོར་བལྟ་ཆོག་པ་དང་། འཛད་སྤྱོད་པར་སྔོན་ལ་བརྡ་མ་བཏང་བའི་སྔོན་འགྲོའི་འོག བེད་སྤྱོད་གཏོང་དབང་མཚམས་འཇོག་བྱེད་པ་དང་། ཞབས་ཞུ་མཁོ་འདོན་བྱ་རྒྱུ་མཚམས་འཇོག་བྱེད་པ། བེད་སྤྱོད་བྱ་རྒྱུར་ཚད་བཀག་བཟོ་བ། འཛད་སྤྱོད་པའི་ཧྭ་ཝེ་རྩིས་ཨང་བསྡུ་ལེན་བྱེད་པ། ཁྲིམས་ལུགས་ཀྱི་རྩད་གཅོད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ། ཧྭ་ཝེ་རྩིས་ཨང་བེད་སྤྱད་དེ་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་དང་། སུན་པོ་བཟོ་བ། དེ་མིན་གྱི་འཛད་སྤྱོད་པར་མགོ་བསྐོར་གཏོང་བ་སོགས་བྱ་སྤྱོད་སྤེལ་སྐབས། ཡོ་ཝེན་གྱིས་འཛད་སྤྱོད་པ་དེའི་རྩིས་ཨང་བསྡུ་ལེན་བྱེད་པའི་དབང་ཆ་ཡོད་པ་དང་། དེའི་རྐྱེན་པས་འཛད་སྤྱོད་པའི་འཕྲིན་གཏོང་མཚམས་ཆད་པ་དང་། འཛད་སྤྱོད་པའི་དཔྱད་གཞི་དང་། གློག་རྡུལ་ཡིག་ཆ། རོལ་རྩེད་ཡོ་བྱང་སོགས་བོར་བརླག་སོང་བའི་འགན་ཆ་ཚང་འཛད་སྤྱོད་པ་རང་ཉིད་ནས་འཁུར་རྒྱུ།
ཁ ཡོ་ཝེན་གྱི་མོས་མཐུན་མ་ཐོབ་པའམ་ཡོ་ཝེན་གྱིས་དབང་ཆ་མ་སྤྲད་པར་མཉེན་ཆས་འདི་ལས་བྱུང་བའི་དེ་མིན་གྱི་མཉེན་ཆས་གསར་སྤེལ་བྱེད་པ་དང་དངོས་སུ་ཁྱབ་བསྒྲགས་བྱེད་པ་ཚང་མ་ཁྲིམས་འགལ་ཡིན། མཉེན་ཆས་དེ་རིགས་ཕབ་ལེན་དང་། སྒྲིག་སྦྱོར། བེད་སྤྱོད་སོགས་བྱས་ནས་སྔོན་དཔག་དཀའ་བའི་ཉེན་ཁ་ཐོན་པ་དང་། དེ་ལས་ཁྲིམས་ལུགས་ཀྱི་འགན་འཁུར་བའམ་རྩོད་གཞི་བྱུང་ཚེ་ཡོ་ཝེན་དང་འབྲེལ་བ་མེད། འཛད་སྤྱོད་པས་མཉེན་ཆས་དེ་རིགས་གང་བྱུང་དུ་ཕབ་ལེན་དང་། སྒྲིག་སྦྱོར། བེད་སྤྱོད་བཅས་བྱ་མི་རུང་། དེ་མིན་ཚེ། ཡོ་ཝེན་ལ་འཛད་སྤྱོད་པར་སྔོན་ལ་བརྡ་མི་གཏོང་བའི་གནས་ཚུལ་འོག་ཕྱོགས་རྐྱང་པས་ཧྭ་ཝེ་ཡི་རྩིས་ཨང་བེད་སྤྱོད་བྱ་རྒྱུའི་ཐོབ་ཐང་མེད་པ་བཟོ་རྒྱུའི་དབང་ཆ་ཡོད།
ག འཛད་སྤྱོད་པས་ཡོ་ཝེན་གྱིས་མཁོ་འདོན་བྱས་པའི་མཉེན་ཆས་འདི་དང་དེ་མིན་གྱི་ཁྲིམས་མཐུན་ཐབས་ལམ་ཐོག་ནས་རུང་ཡའོ་བལྟ་ཀློག་ནང་དུ་འཇུག་དགོས། འཛད་སྤྱོད་པས་དེ་མིན་གྱི་ཡོ་ཝེན་གྱི་མོས་མཐུན་མ་ཐོབ་པའམ་ཡོ་ཝེན་གྱིས་དབང་ཆ་མ་སྤྲད་པའི་ཁྲིམས་འགལ་གྱི་འདྲེས་ཤོང་རྣམ་པའི་མཉེན་ཆས་དང་། གོ་རིམ་སྤྱོད་མི་རུང་བ། དེ་ལྟར་མ་བྱས་ཚེ། ཡོ་ཝེན་ལ་འཛད་སྤྱོད་པར་སྔོན་ལ་བརྡ་མི་གཏོང་བའི་གནས་ཚུལ་འོག་ཕྱོགས་རྐྱང་པས་འཛད་སྤྱོད་པའི་རྩིས་ཨང་བེད་སྤྱོད་ཐོབ་ཐང་མེད་པ་བཟོ་རྒྱུའི་དབང་ཆ་ཡོད།

༥༽ གཤམ་གསལ་གྱི་གནས་ཚུལ་འོག་ཁྱེད་ལ་ཐད་ཀར་དང་། བར་བརྒྱུད། ཞོར་དུ། དམིགས་བསལ་དུ། ཟུར་སྐྱེས། ཆད་གཅོད་རང་བཞིན་བཅས་ཀྱི་གནོད་ཚེ་བཟོས་ཡོང་ཚེ། ཧྭ་ཝེ་དང་དེའི་ཞོར་གཏོགས་ཀུང་སི། ཡན་ལག་ཀུང་སི། དོ་དམ་མི་སྣ། ལས་འཛིན། ལས་མི། ཚབ་ཚོང་། མཉམ་ལས་རོགས་པ། དབང་ཆ་སྤྲོད་མཁན་ཕྱོགས་བཅས་ལ་འགན་གང་ཡང་མེད་པ་དང་། དེའི་ནང་གྲངས་གཞི་གནོད་སྐྱོན་དང་། ཁེ་བཟང་ལ་གནོད་སྐྱོན། ཚོང་ལས་མཚན་སྙན་ལ་གནོད་འཚེ། དེ་མིན་གྱི་མཐོང་མེད་གནོད་སྐྱོན་སོགས་ཚུད་ཡོད་པ་ཁྱེད་ཀྱིས་ཤེས་རྟོགས་བྱུང་བ་མ་ཟད་མོས་མཐུན་བྱས་པ། ༼མདོར་ན་ཧྭ་ཝེ་ཡིས་གནོད་སྐྱོན་དེ་རིགས་ཐོན་བཟོ་ཡོད་པ་འཛད་སྤྱོད་ཕྱོགས་ལ་བཤད་ཟིན་པ།༽

ཀ ངེད་ཀྱི་ཞབས་ཞུ་བེད་སྤྱོད་གཏོང་བའམ་གཏོང་མི་ཐུབ་པ།
ཁ ངེད་ཀྱི་ཞབས་ཞུ་བརྗེ་བ་དང་། གནས་སྐབས་སམ་དུས་ཡུན་རིང་པོའི་རིང་ཞབས་ཞུ་ཁ་ཤས་དང་ཡང་ན་ཞབས་ཞུ་ཚང་མ་མཚམས་འཇོག་བྱེད་པ།
ག དབང་ཆ་མ་སྤྲད་པར་ཞུགས་པའམ་ཁྱེད་ཀྱི་བརྒྱུད་གཏོང་དང་གྲངས་གཞིར་བཟོ་བཅོས་ཐེབས་པ།
ང ཁྱེད་ཀྱིས་ཞབས་ཞུ་འདི་བརྒྱུད་པའི་བརྒྱུད་གཏོང་ངམ་གྲངས་གཞི་གསུབ་པ་དང་། གཏོར་སྐྱོན་ཐེབས་པ། ཉར་འཇོག་བྱས་མེད་པ། ཡང་ན་བསྐུར་བ། བསྡུ་ལེན་བྱེད་པ།
ཅ ཞབས་ཞུའི་ཁྲོད་དུ་ཕྱོགས་གསུམ་པའི་གསལ་བསྒྲགས་དང་བྱ་སྤྱོད་གང་རུང་།
ཆ དེ་མིན་ངེད་ཀྱི་ཞབས་ཞུ་དང་འབྲེལ་ཡོད་དོན་དག

༦ ཞབས་ཞུ་དང་གྲོས་ཆོད་ཀྱི་དོན་ཚན་ལ་འགྱུར་ལྡོག་གཏོང་བ།
ཡོ་ཝེན་ཀུང་སིར་དགོས་ངེས་སྐབས་སུ་གྲོས་ཆོད་ཀྱི་དོན་ཚན་ལ་བཟོ་བཅོས་རྒྱག་པའི་དབང་ཆ་ཡོད་པ་ད་ང། གྲོས་ཆོད་ཀྱི་དོན་ཚན་ལ་འགྱུར་ལྡོག་བཏང་མ་ཐག སླད་ཕྱིན་འབྲེལ་ཡོད་ཀྱི་ངོས་སུ་བཟོ་བཅོས་རྒྱབ་རྗེས་ཀྱི་གྲོས་ཆོད་དོན་ཚན་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། གལ་ཏེ་བཟོ་བཅོས་རྒྱབ་པའི་ནང་དོན་ལ་མོས་མཐུན་མེད་ཚེ། འཛད་སྤྱྱོད་པས་རང་འགུལ་སྒོ་ནས་ཞབས་ཞུ་དེ་མེད་པ་བཟོ་ཆོག གལ་ཏེ་འཛད་སྤྱོད་པས་ཞབས་ཞུ་མུ་མཐུད་ནས་སྤྱད་ཚེ། གྲོས་ཆོད་ཀྱི་དོན་ཚན་ལ་འགྱུར་བ་བཏང་དེ་དང་ལེན་བྱས་པར་བརྩི་རྒྱུ།

ཡོ་ཝེན་ཀུང་སི་དང་མཉམ་ལས་ཀུང་སིར་དགོས་མཁོ་གཞིར་བཟུང་མཁོ་འདོན་བྱས་པའི་འགྲོ་གྲོན་བསྡུ་བའི་ཞབས་ཞུ་དང་། དངུལ་བསྡུའི་ཚད་གཞི། དངུལ་བསྡུ་ཐབས། ཞབས་ཞུའི་འགྲོ་གྲོན། ཞབས་ཞུའི་དོན་ཚན་བཅས་ལ་བཟོ་བཅོས་རྒྱག་པའམ་འགྱུར་ལྡོག་གཏོང་བའི་དབང་ཆ་ཡོད། ཡོ་ཝེན་གྱིས་ཞབས་ཞུ་མཁོ་འདོན་བྱེད་པའི་སྐབས་སུ། ད་ལྟའམ་སླད་ཕྱིན་ཞབས་ཞུ་ཁ་ཤས་ལ་འཛད་སྤྱོད་པའི་ས་ནས་དངུལ་ཕྲན་བུ་བསྡུ་རྒྱུ་ཡིན་པ་དང་གལ་ཏེ་འཛད་སྤྱོད་པས་དངུལ་གཏོང་སྤྲོད་བྱ་འདོད་མེད་ཚེ། དངུལ་བསྡུ་རྒྱུ་འགོ་ཚུགས་རྗེས་འབྲེལ་ཡོད་ཀྱི་ཞབས་ཞུ་བེད་སྤྱོད་བྱེད་དབང་མེད། ཡོ་ཝེན་དང་མཉམ་ལས་ཀུང་སི་འབད་བརྩོན་ལྷོད་མེད་བྱས་ཏེ་གློག་རྡུལ་ཡིག་ཆ་དང་དེ་མིན་གྱི་ནུས་ལྡན་ཐབས་ལ་བརྟེན་ནས་འཛད་སྤྱོད་པར་བཟོ་བཅོས་རྒྱག་པའམ་འགྱུར་ལྡོག་བཏང་བའི་ནང་དོན་བརྡ་གཏོང་རྒྱུ་ཡིན།

༧ རྩོད་གླེང་ཡོད་པའི་བདག་སྐྱོང་དང་སྤྱོད་རྒྱུར་འཚམ་པའི་ཁྲིམས་ལུགས།
གྲོས་ཆོད་འདིའི་དོན་ཚན་ཁག་གི་ནུས་པ་དང་འབྲེལ་བཤད་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འཚམ་པ་དང་། གལ་ཏེ་གྲོས་ཆོད་ནང་གི་ནང་དོན་གང་རུང་ཞིག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་རྒྱབ་འགལ་དུ་སོང་ཚེ། དོན་ཚན་ཆ་ཤས་རྣམས་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ཡང་བསྐྱར་འགྲེལ་བཤད་རྒྱག་རྒྱུ། དོན་ཚན་ཆ་ཤས་ནུས་པ་མེད་པའམ་ཡང་བསྐྱར་འགྲེལ་བཤད་རྒྱག་པ་དེས་དེ་མིན་དོན་ཚན་གྱི་ཁྲིམས་ལུགས་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་མེད། འཛད་སྤྱོད་པ་དང་ཡོ་ཝེན་གྱིས་ཞབས་ཞུ་འདིའི་རྐྱེན་གྱིས་ཐོན་པའི་རྩོད་གླེང་ཕྱོགས་གཉིས་པོས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱ་རྒྱུ་དང་། གྲོས་མོལ་བྱས་ཏེ་ཐག་གཅོད་མ་ཐུབ་པའི་ཕྱོགས་གང་རུང་དེ་ཡོ་ཝེན་ཀུང་སི་གནས་སའི་ཧྲང་ཧའེ་གྲོང་ཁྱེར་དུ་བདག་སྐྱོང་དབང་ཆ་ཡོད་པའི་ཁྲིམས་ཁང་དུ་གཏུག་བཤེར་ཁྲུན་ཐག་གཅད་རྒྱུའི་མོས་མཐུན་བྱས་ཡོད།

པར་དབང་ཡོ་ཝེན་ལ་དབང་བས། འགྲེལ་བཤད་དབང་ཆ་ཆ་ཚང་སོར་ཉར་བྱས་ཡོད།
སྐུ་མགྲོན་ཞབས་ཞུའི་ཐད་སྦྲེལ་ཁ་པར། ༼༠༧༥༥༽༨༣༧༦༥༥༦༦